བྲིས་བའི་ཡི་གེ་ནག་ཆུང་། །

བྲིས་བའི་ཡི་གེ་ནག་ཆུང་། །
ཆུ་དང་ཐིགས་པས་འཇིག་སོང་། །
མ་བྲིས་སེམས་ཀྱི་རི་མོ་། །
བསུབས་ཀྱང་ཟུབ་རྒྱུ་མི་འདུག་། །

ཚངས་དབྱངས་རྒྱ་མཚོ ༧གོང་ས་མཆོག་སྐུ་ཕྲེང་དྲུག་པ་།

རང་ལ་དགའ་བའི་བྱམས་པ་། །

རང་ལ་དགའ་བའི་བྱམས་པ་། །
གཞན་གྱི་མདུན་མར་བླངས་སོང་། །
ཁོང་ནང་སེམས་པའི་གཅོང་གི་། །
ལུས་པོའི་ཤ་ཡང་བསྐམས་སོང་། །

ཚངས་དབྱངས་རྒྱ་མཚོ ༧གོང་ས་མཆོག་སྐུ་ཕྲེང་དྲུག་པ་།

ཆོས་རྒྱལ་ལས་ཀྱི་མེ་ལོང། །

ཤི་དེ་དམྱལ་བའི་ཡུལ་གྱི། །
ཆོས་རྒྱལ་ལས་ཀྱི་མེ་ལོང། །
འདི་ན་ཁྲིག་ཁྲིག་མི་འདུག། །
དེ་ནས་ཁྲིག་ཁྲིག་གནང་ཞུ། །

ཚངས་དབྱངས་རྒྱ་མཚོ ༧གོང་ས་མཆོག་སྐུ་ཕྲེང་དྲུག་པ་།

Back to Top